Skip to main content

ཐིགས་པ་གཉིས་པ། ལེགས་སྦྱར་གྱི་«ཡི་གེའི་ཕྱི་མོ་» (वर्णमातृका / varṇamātṛkā)


§2 (a). བོད་ཀྱི་ཡི་གེའི་རིག་པའམ་འབྲི་ཀློག་རིག་པར་ «ཀ་མད་སུམ་ཅུ་» འམ་ «དབྱངས་གསལ་ཡི་གེ་» འམ་ «ཀ་ཕྲེང་» ལ་སོགས་ཁྱབ་ཆེ་ཆུང་ཅུང་ཟད་ཡོད་པའི་ཐ་སྙད་གྲགས་པས་བསྙོན་དུ་མེད་དོ། །སྐབས་འདིར་ཡང་«སྒྲར་གྲགས་པའི་དབྱངས་གསལ་ཡི་གེ་» དང་ «གཟུགས་སུ་སྣང་བའི་དབྱངས་གསལ་ཡི་གེ་» གཉིས་ཀྱི་ཁྱད་པར་ཐུགས་ལ་བཞག་ན་ཕན་ནོ་སྙམ་མོ། ། «ཨིང་ལིཤ་» (English) སྐད་སོགས་སུ་ «ཨལ་ཕ་བེཏ་» (alphabet) ཞེས་པ་དེ་ཡང་ «ལ་ཏིན་» (Latin) སྐད་དུ་ «ཨལ་ཕ་བེ་ཏུམ་» (alphabetum) དང་ «གྲེ་ཨེཀ་» (Greek) སྐད་དུ་ «ཨལ་ཕ་བེ་ཏོས་» (alphabetos) ཞེས་པ་དེ་ཡང་དེ་དག་གི་ཡི་གེའི་རྣམ་གཞག་གི་ཡི་གེ་དང་པོ་ «ཨལ་ཕ་» (alpha) དང་གཉིས་པ་ «བེ་ཏ་» (beta) བསྡོམས་ནས་ཡི་གེའི་ཕྱི་མོའི་མིང་དུ་བཏགས་པའོ། །འོ་ན་ལེགས་སྦྱར་གྱི་ལུགས་ལ་ཡི་གེ་ཕྱི་མོའི་མིང་གང་ཡིན་ཞེ་ན། ཡིག་ཁུངས་ཅི་རིགས་པར་ (1) «ཡི་གེའི་མན་ངག་» (अक्षरसमाम्नाय / akṣarasamāmnāya) དང་། (2) «ཡི་གེའི་ཕྲེང་བ་» (वर्णमाला / varṇamālā = अक्षरमाला / akṣaramālā) དང་། (3) «ཡི་གེའི་ཕྱི་མོ་» (वर्णमातृका / varṇamātṛkā) ཞེས་པ་ལ་སོགས་པའི་ཐ་སྙད་འགའ་གསལ་ལོ། །འོ་ན་ལེགས་སྦྱར་གྱི་དབྱངས་གསལ་གྱི་ཡི་གེ་ལ་ «ཨཱ་ལི་» དང་ «ཀཱ་ལི་» ཞེས་ཡོངས་སུ་གྲགས་པ་མ་ཡིན་ནམ་ཞེ་ན། དེང་དུས་ཀྱི་མཁས་པ་འགས་ «ཨཱ་ལི་» དང་ «ཀཱ་ལི་» ཞེས་པའི་ཐ་སྙད་ནི་བོད་ཀྱི་མཁས་པས་གསར་དུ་བཏོད་པར་བཤད་དོ། །ལེགས་སྦྱར་གྱི་སྒྲའི་གཞུང་རྣམས་སུ་ནི་ཐ་སྙད་དེ་དག་དངོས་སུ་མི་གསལ་བར་འདྲ་ཡང་། བོད་འགྱུར་དུ་བཞུགས་པའི་གསང་སྔགས་ཀྱི་རྒྱུད་གཞུང་རྣམས་སུ་ལེགས་སྦྱར་གྱི་དབྱངས་ཡིག་རྣམས་ལ་ «ཨཱ་ལི་» དང་ལེགས་སྦྱར་གྱི་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་ «ཀཱ་ལི་» ཞེས་པའི་ཐ་སྙད་དངོས་སུ་གསལ་བས།  «ཨཱ་ལི་» དང་ «ཀཱ་ལི་» ཞེས་པའི་ཐ་སྙད་ནི་བོད་ཀྱི་མཁས་པས་གསར་དུ་བཏོད་པ་མ་ཡིན་པར་སྣང་ངོ་། །འོན་ཀྱང་རྒྱ་བོད་ཀྱི་སྐད་ཡིག་གཉིས་ལ་མཁས་པ་རྣམས་ཀྱིས་ད་དུང་ཞིབ་ཏུ་དཔྱད་པར་བྱའོ། །མདོར་ན་ལེགས་སྦྱར་གྱི་སྐད་དུ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ལ་སྤྱི་ཡོངས་སུ་ «ཨ་ཀྵ་ར་» (अक्षर / akṣara) དང་ «ལི་པི་» (लिपि / lipi) ཞེས་བརྗོད་ཀྱང་། ཐ་སྙད་འདི་གཉིས་ཀྱི་འཇུག་ཡུལ་ནི་གཙོ་བོ་ «སྒྲར་གྲགས་པའི་ཡི་གེ་» མིན་པར་«ཡིག་འབྲུ་» འམ་ «གཟུགས་སུ་སྣང་བའི་ཡི་གེ་» ཡིན་པར་སྣང་ངོ་། ། «ཨ་ཀྵ་ར་» (अक्षर / akṣara) ཞེས་པ་བོད་སྐད་དུ་དོན་འགྱུར་གྱི་ཚུལ་དུ་ «ཡི་གེ་» དང་ «ཡིག་འབྲུ་» ཞེས་བསྒྱུར་བར་གསལ། «ལི་པི» (लिपि / lipi) དང་། «ལི་པཱི་» (लिपी / lipī) དང་། «ལི་བི་» (लिवि / libi) དང་། «ལི་བཱི་» (लिवी / libī) དང་། «ལིམ་པི་» (लिम्पि / limpi) སོགས་དག་ཆ་ཅུང་ཟད་མི་འདྲ་བར་འབྱུང་བ་རྣམས་བོད་སྐད་དུ་ «ཡི་གེ་» དང་། «ཡིག་འབྲུ་» དང་། «ཡི་གེའི་གཟུགས་» དང་། «ཡི་གེའི་དབྱིབས་» སོགས་སུ་བསྒྱུར་བར་གསལ།


§2 (b). ལེགས་སྦྱར་གྱི་ «དབྱངས་» སམ་ «ང་རོ་» (स्वर / svara) བཅུ་བཞི་པོ་ «དེ་བ་ནཱ་ག་རཱི་» (देवनागरी / devanāgarī) ཡི་ཡིག་གཟུགས་སུ་བཀོད་པ་ནི་འདི་ལྟ་སྟེ།


                        (1) ཨ། (/a)
                        (2) ཨཱ། (/ā) 
                        (3) ཨི། (/i)
                        (4) ཨཱི། (/ī)
                        (5) ཨུ། (/u)
                        (6) ཨཱུ། (/ū)
                        (7) རྀ། (/ṛ)
                        (8) རཱྀ། (/ṝ)
                        (9) ལྀ། (/ḷ)
                        (10) ལཱྀ། (/ḹ)
                        (11) ཨེ། (/e)
                        (12) ཨོ། (/o) 
                        (13) ཨཻ། (/ai)
                        (14) ཨཽ། (/au)

འོན་ཀྱང་དབྱངས་ཡིག་བཅུ་བཞི་པོ་འདི་དག་ལས་བཅུ་པ་ «ལཱྀ་»  (/ḹ) ནི་དངོས་སུ་ནམ་ཡང་མི་འབྱུང་ཡང་དབྱངས་རིང་ཐུང་གཉིས་རེ་གཉིས་རེ་ཆ་འགྲིག་ཡོང་བའི་ཆེད་དུ་བཅོས་པ་ཡིན་པར་བཤད། དེ་བཞིན་དུ་དབྱངས་ཡིག་བཅུ་པ་ «ལྀ་» (/ḷ) ནི། «√kḷp» ཅེས་པ་སྟེ་ «རྟོག་» ཅེས་པའི་བྱ་ཚིག་གི་བྱིངས་ཁོ་ནར་མ་གཏོགས་གང་དུ་མི་འཇུག་པར་བཤད། མདོར་ན་དེང་དུས་ཀྱི་ལེགས་སྦྱར་སྐད་ཀྱི་སློབ་དེབ་རྣམས་སུ་དབྱངས་བཅུ་པ་ «ལཱྀ་» (/ḹ) འདི་མ་བགྲངས་པར་དབྱངས་ཡིག་གཞན་བཅུ་གསུམ་ཁོ་ན་བགྲངས་པར་མཛད་དོ། །



Comments

Popular posts from this blog

ཐིགས་པ་ཅི་ཅི། «བི་རཱ་མ་» (विराम/virāma)

§1. ལེགས་སྦྱར་གྱི་སྐད་སོགས་རྒྱ་གར་གྱི་ཡི་གེ་ « དེ་བ་ནཱ་ག་རཱི་ » ( देवनागरी / devanāgarī ) སྟེ་  « ལྷའི་གྲོང་ཁྱེར་ » གྱི་ཡི་གེ་སོགས་སུ་འབྲི་བ་ན། གསལ་བྱེད་ཀྱི་ཡི་གེའི་སྲོག་ཏུ་དབྱངས་མ་ཞུགས་པའི་རྟགས་སུ་བོད་ཀྱི་ཡི་གེ་དབུ་ཅན་གྱི་ར་བཏགས་ཀྱི་རྟགས་དང་འདྲ་བ་ལ་ « བི་རཱ་མ་ » ( विराम / virāma ) སྟེ་ « ངལ་གསོ་ » འམ་ « སྡོད་པ་ » ཞེས་ལེགས་སྦྱར་གྱི་མཁས་པ་རྣམས་ལ་ཡོངས་སུ་གྲགས། དཔེར་ན་ « ཕཊྲ་ » ( फट् / phaṭ ) ཞེས་པའི་ར་བཏགས་ཀྱི་རྟགས་དང་འདྲ་བ་འདི་ལ་གཟིགས་དང་ཡིད་ཆེས་པར་འགྱུར་རོ། ། འོན་ཀྱང་རྒྱ་གར་རང་གི་ལེགས་སྦྱར་ལ་མཁས་པ་དང་བོད་ཀྱི་ལེགས་སྦྱར་ལ་མཁས་པ་ཕལ་ཆེ་བ་རྣམས་ལ་ནི།  « ཧ་ལན་ཏ་ » ( हलन्त / halanta ) ཡི་རྟགས་མཚན་ཞེས་གྲགས་པར་མངོན་ནོ། །འདིའི་འཇུག་ཡུལ་ནི་གཙོ་བོར་མིང་ཚིག་བརྗོད་པའི་མཇུག་ཏུ་འཇུག་ཀྱང་། མིང་ཚིག་གི་དཀྱིལ་དུ་ཡང་མི་འཇུག་པ་མ་ཡིན་ནོ། །

test

§2 (a). བོད་ཀྱི་ཡི་གེའི་རིག་པའམ་འབྲི་ཀློག་རིག་པར་ «ཀ་མད་སུམ་ཅུ་» འམ་ «དབྱངས་གསལ་ཡི་གེ་» འམ་ «ཀ་ཕྲེང་» ལ་སོགས་ཁྱབ་ཆེ་ཆུང་ཅུང་ཟད་ཡོད་པའི་ཐ་སྙད་གྲགས་པས་བསྙོན་དུ་མེད་དོ། །སྐབས་འདིར་ཡང་«སྒྲར་གྲགས་པའི་དབྱངས་གསལ་ཡི་གེ་» དང་ «གཟུགས་སུ་སྣང་བའི་དབྱངས་གསལ་ཡི་གེ་» གཉིས་ཀྱི་ཁྱད་པར་ཐུགས་ལ་བཞག་ན་ཕན་ནོ་སྙམ་མོ། ། «ཨིང་ལིཤ་» (English) སྐད་སོགས་སུ་ «ཨལ་ཕ་བེཏ་» (alphabet) ཞེས་པ་དེ་ཡང་ «ལ་ཏིན་» (Latin) སྐད་དུ་ «ཨལ་ཕ་བེ་ཏུམ་» (alphabetum) དང་ «གྲེ་ཨེཀ་» (Greek) སྐད་དུ་ «ཨལ་ཕ་བེ་ཏོས་» (alphabetos) ཞེས་པ་དེ་ཡང་དེ་དག་གི་ཡི་གེའི་རྣམ་གཞག་གི་ཡི་གེ་དང་པོ་ «ཨལ་ཕ་» (alpha) དང་གཉིས་པ་ «བེ་ཏ་» (beta) བསྡོམས་ནས་ཡི་གེའི་ཕྱི་མོའི་མིང་དུ་བཏགས་པའོ། །འོ་ན་ལེགས་སྦྱར་གྱི་ལུགས་ལ་ཡི་གེ་ཕྱི་མོའི་མིང་གང་ཡིན་ཞེ་ན། ཡིག་ཁུངས་ཅི་རིགས་པར་ (1) «ཡི་གེའི་མན་ངག་» ( अक्षरसमाम्नाय / ak ṣ arasam ā mn ā ya) དང་། (2) «ཡི་གེའི་ཕྲེང་བ་» ( वर्णमाला / var ṇ am ā l ā = अक्षरमाला / ak ṣ aram ā l ā ) དང་། (3) «ཡི་གེའི་ཕྱི་མོ་» ( वर्णमातृका / var ṇ am ā t ṛ k ā ) ཞེས་པ་ལ་སོགས་པའི་ཐ་སྙད་འགའ་གསལ་ལོ། །འོ་ན་ལེགས་སྦྱར་གྱི་དབྱངས་གསལ་གྱི་ཡི་གེ...